དགོངས་བདའ།
January 25, 2008
དགོངས་བདའ།
ང་ཟླ་བ་གཉིས་འདི་ལ་བྲིས་པ་མིན། ཟླ་བ་དང་པོ་ལ་ང་བོད་ལ་ཕྱིན་པ་ཡིན། བོད་ལ་ང་ལྷ་ས་ཟི་ལིང་ལྷོ་ཁ་ནག་ཆུ་དང་རྔ་བ་ལ་ཕྱིན་པ་ཡིན། ཧ་ཅང་སྐྱིད་པོ་བྱུང་སོང་། ང་ལ་སྤར་མང་པོ་ཡོད། ང་གཞས་བཏང་མཁན་མང་པོ་ཐུག་སོང་། ང་ཀུན་དགའ་དང་། ཤེར་བསྟན་དང་། ཚེ་དབང་དང་། ནམ་མཁ་མཚོ་དང་། དབྱངས་ཅན་ལྷ་མོ་ཐུག་སོང་། ཁོང་ཚོ་གཞས་བཏང་མཁན་ཡག་པོ་འདུག ཁོང་ཚོའི་གཞས་ཧ་ཅང་དགའ་གི་ཡོད། ཁོང་ཚོ་མི་ཡག་པོ་རེད། ད་ལྟ་ངའི་གྲོགས་པོ་རེད།
ང་བོད་ལ་གཞས་བཏང་པ་ཡིན། ཡག་པོ་བྱུང་སོང་། སྐྱིད་པོ་བྱུང་སོང་། མི་མང་པོ་ཧང་སངས་རེད་ག་རེ་རེད་ཟེར་ན་ང་དབྱིན་ཟི་བུ་མོ་ཡིན། ཡིན་ན་ཡང་ང་བོད་གཞས་བཏང་གི་ཡོད།
–སེང་འབྲུག་མཚོ།